གྲོས་ཚོགས་ཐོག་བསྟན་དོན། ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པའི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས། ཀྲུང་དབྱང་དང་ཞིང་ཨུད་དང་ཁུལ་ཨུད་ཀྱི་སྲིད་ཁྲིམས་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ཁྲིམས་ཁང་ཡོན་ཀྲང་གི་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང་“གདེང་ཚོད་བཞི”བརྟན་བརླིང་། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབས་ཏེ། ཏང་གི་སྲིད་ཁྲིམས་བྱ་བ་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་།“མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་མཉམ་དྲང་གཞག་གི་ཚོར་བ་སྦྱིན་རྒྱུ”དམིགས་འབེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྟེ་ཨང་དང་པོར་འཇོག་རྒྱུ་དང་། ཁྲིམས་འཛིན་དམངས་དོན་དང་ཁྲིམས་འཛིན་དྲང་གཞག་གི་བྱ་བའི་གཙོ་ཐིག་རྒྱུན་འཁྱོངས། ཁྲིམས་བསྟར་གྱོད་སྒྲུབ་ཀྱི་ལས་འགན་གཙོ་བོར་བཟུང་ནས་འདྲི་གཅོད་སྤུས་ཚད་སྔར་ལས་ཆེ་རུ་གཏོང་པ།
གྲོས་ཚོགས་ཀྱི་བླང་བྱ། གཅིག་ནས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག》དང་འབྲེལ་ཡོད་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་ཐེབས་པ་དང་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་བཏང་ནས“དད་མོས་ཉིས་བརྩེགས”ཀྱི་གནད་དོན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གཉིས་ནས་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས“ཐོག་མའི་ཕུགས་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཁྲིམས་བསྟར་ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་འགུལ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས“དཔུང་ཁག་འཛུགས་སྐྱོང་ལོའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ།ཕྱོགས་ཡོངས་ནས་གཙང་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་བཅོས་སྒྲིག་གི་ནུས་པ་ཐོན་རྒྱུར་འགན་ལེན་བྱེད་དགོས། གསུམ་ནས་གྱོད་སྒྲུབ་ཆ་སྙོམས་ཡོང་ཚད་དང་ཁྲིམས་རའི་འདྲི་གཅོད་ཀྱི་ཐད་གཏོང་བྱེད་ཚད་སོགས་ཀྱི་གྲངས་འབོར་དམའ་བའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། མི་འདང་སར་དག་ཐེར་དང་ཁ་གསབ་བྱས་ནས་འདྲི་གཅོད་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། དུས་མཚུངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་བཅའ་ཁྲིམས་ཞབས་ཞུ་དང་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཁག་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་བསྐྱར་ཞིབ་བྱ་རྒྱུར་འགན་ལེན་བྱེད་དགོས། བཞི་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཀོད་སྒྲིག་བྱས་པའི“རྒྱུན་འཁྱོངས་གཉིས”ཀྱི་ཆེད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་དོན་སློབ་གསོའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན། དགོངས་དོན་འདུ་ཤེས་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་སྔར་བས་ཤུགས་སྣོན་རྒྱག་པ།ཏང་གིས་ཁྲིམས་ཁང་གི་བྱ་བར་འགོ་ཁྲིད་བྱེད་རྒྱུ་དོན་འཁྱོལ། ཁྲིམས་འཛིན་དམངས་དོན་དང་ཁྲིམས་འཛིན་དྲང་གཞག་གི་བླང་བྱ་ཁྲིམས་ཁང་བྱ་བའི་བརྒྱུད་རིམ་ཡོངས་ལ་ཁྱབ་པ་བྱེད་དགོས། ལྔ་ནས“གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གསལ་འགྲེལ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་འགྲེལ་བཤད།གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད”བཅས་ཀྱི་ཉེན་ཟོན་སློབ་གསོ་ནན་ཏན་ངང་སྤེལ་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པར་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཏང་ནན་སྐྱོང་དང་། ཁྲིམས་ཁང་ནན་སྐྱོང་། བཅོས་སྐྱོང་བཅས་བྱས་ཏེ་ཏང་བློ་བདེ་བ་དང་། མི་དམངས་ཡིད་ཚིམ་ལ་བློ་དཀར་བ། སྤྱོད་གཙང་གི་ཁྲིམས་ཁང་དཔུང་ཁག་ཅིག་འཛུགས་རྒྱུར་ནུས་ཤུགས་ཡོད་དགུ་བཏོན་ཡོད། དྲུག་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དཔུང་ཁག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་འདྲི་གཅོད་བྱ་བར་སྐུལ་འདེད་གཏོང་བ་དང་།རང་སྲུང་གི་འདུ་ཤེས་གཟབ་ཏུ་བཏང་ནས་ཏང་འཛུགས་སྐྱོང་གི་ལས་དོན་དང་འདྲི་གཅོད་ལག་བསྟར་ལྟེ་བའི་ལས་དོན་གཉིས་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད། དཔྱད་ཞིབ་བཅས་བྱ་རྒྱུར་འགན་ལེན་བྱེད་དགོས། བདུན་ནས་ཁྱོན་ཡོངས་ནས་ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤུགས་ཆེན་པོའི“གཅིག་འཐུས་རྣམ་པ་གཉིས”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཕན་འབྲས་ཆེ་བ་དང་། དམངས་ལ་ཕན་པ། ཡོངས་བསྒྲགས་ཀྱི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་བཏོད་དེ་མུ་མཐུད་དུ་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ལ་སྙེག་རྒྱུར་སྐུལ་འདེད་གཏོང་དགོས།
会议要求,一要继续深入学习贯彻习近平新时代中国特色社会主义思想,认真贯彻落实《中国共产党政法工作条例》和相关工作会议精神,坚持党的绝对领导不动摇,坚定政治信仰,坚决抵制和杜绝“双重信仰”问题。二要以全州法院开展“守初心、担使命,集中排查整治执法司法突出问题”专项行动为契机,结合“队伍建设年”活动,全面清查,深入整治整改,确保整治立竿见影不留死角。三要紧盯办案均衡度、庭审直播率等数据偏低突出问题,深入剖析问题产生的原因,认真整改,尽快补足短板,进一步提高审判质效。同时加强疫情防控期间的法律服务和保障,保证各行业有序复工复查。四要深入开展最高院部署的“两个坚持”专题教育,深刻认识开展专题教育的重要意义,进一步强化宗旨意识和以人民为中心的发展思想,把党对法院工作的绝对领导落到实处,把司法为民、公正司法的要求贯穿于法院工作的全过程。五要扎实开展“以案释德、以案释纪、以案释法”警示教育,坚持反腐败无禁区、全覆盖、零容忍,坚定不移从严治党、从严治院、从严治理,全力锻造让党放心、让人民满意、忠诚可靠、清正廉洁的过硬法院队伍。六要坚持抓党建带队建促审判,强化守土有责、守土担责、守土尽责意识,确保党建工作和审判执行中心工作同谋划、同部署、同推进、同考核。七要全面深化司法改革,着力推进两个“一站式”建设,打造高效、便民、公开的诉讼服务中心,不断推进审判体系和审判能力现代化水平。
甘南法院网版权所有,未经协议授权,禁止下载使用或建立镜像 您是第 位访客
地址:甘肃省甘南州合作市多合路藏中南侧 联系电话:0941-8233117 邮编:747000 E-mail:gnzyyjs@163.com
甘南藏族自治州中级人民法院主办 陇ICP备10200000号