玛曲县人民法院召开2020年度党风廉政建设和反腐败工作安排部署会议

网站首页 » 基层动态

玛曲县人民法院召开2020年度党风廉政建设和反腐败工作安排部署会议


来源:玛曲县法院 责任编辑:
发布时间:2020/4/20 10:41:33 阅读次数:1175

ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་།འགན་འཁྲིའི་འདུ་ཤེས།འགན་འཁུར་གྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས། ཟླ༤པའི་ཚེས༡༤ཉིན་རྨ་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས༢༠༢༠ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།   

为进一步贯彻落实党风廉政建设和反腐败工作的常态化、制度化,强化广大党员干警的政治意识、责任意识和担当意识。4月14日,玛曲县人民法院组织召开2020年度党风廉政建设和反腐败工作部署会议。

微信图片_20200420103858.jpg

ཚོགས་འདུའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང༢༠༡༩ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱ་བའི་གནས་ཚུལ་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས། ཁྲིམས་ཁང་གི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ཏེ་༢༠༢༠ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱ་བའི་ལས་འགན་བཀོད་སྒྲིག་བྱས་བར་མ་ཟད་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱ་བ་སྔར་བས་དམ་འཛིན་དང་གཏིང་ཟབ་ཏུ་བཏང་སྟེ་བྱ་བའི་ཐད་ཞིབ་ཕྲའི་བླང་བྱ་འགའ་བཏོན།        

会议传达学习了第十九届中央纪委四次全会精神,回顾总结了2019年党风廉政建设工作情况,并结合法院工作实际,安排部署了2020年党风廉政建设工作任务,对进一步抓深抓实抓细党风廉政建设工作提出具体要求。
གྲོས་ཚོགས་ཀྱིས་ནན་བཤད་བྱས་པར། ༢༠༡༩ལོར།  ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱེད་རྒྱུར་རྒྱུན་འཁྱོངས་བྱས་ཏེ།“འདུ་ཤེས་བཞི”མཐོར་འདེགས་དང“གདེང་ཚོད་བཞི”བརྟན་བརླིང་། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབས་ཏེ། དུས་རབས་གསར་པའི་ཏང་གི་སྲིད་ཇུས་བྱེད་ཕྱོགས་དང་ལྷག་པར་དུ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་འབྲེལ་ནས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ཐོག་མའི་ཕུགས་འདུན་སྲུང་བ་དང་ཁྲིམས་འཛིན་དྲང་གཞག་གི་འགན་འཁྲི་འཁུར་ནས་བྱ་བ་ཁག་སོ་སོ་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད།དེའི་ཁྲིམས་ཁང་གི་འདྲི་གཅོད་བྱ་བ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་པ་བྱས་ཡོད། འོན་ཀྱང་བྱ་བའི་ཁྲོད་སྔར་བཞིན་མི་འདང་ས་ཁ་ཤས་ཡོད་དེ།ལོ་གསར་པའི་ནང་ང་ཚོས་གནད་དོན་གྱི་འགག་རྩ་བཙལ་ནས་ཧུར་ཐག་གིས་བསྒྱུར་བཅོས་བྱེད་དགོས།           
会议强调,2019年,全院干警坚持以习近平新时代中国特色社会主义思想为指导,增强“四个意识”、坚定“四个自信”、坚决做到“两个维护”,紧紧围绕新时代党的政策方针,特别是社会稳定和长治久安的总目标,守司法为民初心,担公正司法使命,各项工作任务都出色完成,使法院审判工作高质量发展迈出坚实的步伐。但工作中还存在一些不足之处,新的一年,我们必须切实找准问题症结,努力加以改进。


微信图片_20200420103903.png

ཚོགས་འདུའི་ཐོག་བསྟན་དོན། གཅིག་ནས་དམིགས་ཚད་དང་བསྡུར་ནས་གནད་དོན་འཚོལ་བ་དང་ཞན་ཆ་གསབ་པ། ༢༠༡༩ལོའི་བྱ་བའི་ཁྲོད་ཀྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། མི་འདང་སར་ཁ་གསབ་དང་ཞན་ཆ་ལེགས་པར་སྒྱུར་ཏེ༢༠༢༠ལོའི་བྱ་བ་ཁག་ལ་བསམ་ཕྱོགས་གསལ་པོ་དང་ཁ་ཕྱོགས་ཡོད་པ།དམིགས་འབེན་གསལ་བ་བཅས་བྱེད་དགོས། གཉིས་ནས་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལ་ཤུགས་སྣོན་རྒྱག་དགོས། འདྲི་གཅོད་དང་སྔོན་འགོག་ཚོད་འཛིན་གཉིས་ཀར་འཐུས་ཤོར་མི་འགྲོ་བར་སྐུལ་འདེད་གཏོང་དགོས།གྱོད་སྒྲུབ་ཐབས་ལམ་དང་འདུམ་སྒྲིག་བྱེད་སྟངས་གསར་གཏོད་བྱས་ནས། བློ་རིག་ཁྲིམས་ཁང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་། ཆ་འཕྲིན་ཅན་བཀོལ་སྤྱོད་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་།བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་ནས། “སྤྱོད་ཚུལ་བཞི་”ཡོ་བསྲང་དང་རྣམ་པ་གསར་བ་གཉིས་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ།སྤྱོད་གཙང་གི་སྤྱོད་ཚུལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་དང་འདྲི་གཅོད་བྱ་བ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། བཞི་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་།ཕྱོགས་མང་པོའི་ལྟ་སྐུལ་དང་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། རྣམ་པ་མང་བའི་ལྟ་སྐུལ་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྒྲིག་ཁྲིམས་དམ་པོ་དང་། བྱ་སྤྱོད་ཚད་ལྡན། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པའི་དཔུང་ཁག་ཅིག་འཛུགས་རྒྱུར་འབད་པ་བྱེད་དགོས།

会议指出,一要对照目标找问题补短板。认真总结2019年工作中的成果及经验教训,补短板、强弱项,为2020年各项工作理清思路,找准方向、明确目标。二要加强新冠肺炎疫情防控工作。做到审判与防控两不误、两促进,不断创新办案方式和调解手段,进一步加强智慧法院建设,提升信息化应用能力和水平。三要切实增强“两个维护”的政治自觉、思想自觉、行动自觉,坚持纠“四风”与树新风并举,以廉洁作风凝聚力量、推动审判工作落到实处。四要从严落实管党治党责任,自觉接受多方监督监管,推动多种形式监督相结合,努力打造纪律严明、行为规范、作风优良的法院干警队伍。

微信图片_20200420103909.jpg

ཚོགས་འདུའི་ཐོགཁྲིམས་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཁྲིམས་ར་ཁག་གི་འགན་འཁུར་བ་ཚང་མས་ཏང་ཙུའུ་ལ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་རེད། 

会上,院领导班子成员和各庭室负责人均签订并向院党组递交了党风廉政建设目标责任书。

甘肃法院网版权所有

地址:甘肃省兰州市安宁区建宁西路1950号
邮编:730070 E-mail:gsgyxcc@163.com

陇ICP备10200000号
甘肃省高级人民法院主办