​玛曲县人民法院达热吉宣讲民法典

网站首页 » 基层动态

​玛曲县人民法院达热吉宣讲民法典


来源:玛曲县法院 责任编辑:
发布时间:2020/10/10 9:30:32 阅读次数:1447

རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་སུ་ཏོང་ཆེད།ཟླ༩པའི་ཚེས་༢༩ཉིན། རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་ས་དཀར་སྡེ་བས་སྒྲུབ་པའི“ཟླ་མཆོད་ལ་བསུ་བ་དང་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ”ཞེས་པའི་བྱེད་སྒོའི་ཁྲོད་རྨ་ཆུ་རྫོང་མི་དམངས་ཁྲིམས་ཁང་གདན་ཞུ་བྱས་ནས།ཡིག་སྒྱུར་ཁོའོ་ཡི་འགན་འཁུར་བ་ཏཱ་རེ་སྐྱིད་ཀྱིས་སྡེ་ཁུལ་གྱི་འབྲོག་པ་མང་ཚོགས་ལ་དམངས་དོན་ཁྲིམས་གཞུང་སྐོར་གྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

金秋送爽,丹桂飘香。近日,玛曲县人民法院应邀参加在玛曲县尼玛镇萨合村举办的“迎中秋、庆国庆”系列活动,由翻译科负责人达热吉为社区牧民群众进行民法典宣讲。


微信图片_20201010093057.jpg

ཐེངས་འདིའི་ཁྲིམས་གཞུང་སྒྲོག་འགྲེལ་ཁྲོད་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་ཧ་གོ་ཐུབ་པའི་རྨ་ཆུའི་ཡུལ་སྐད་ཀྱི་ལམ་ནས་གཉེན་སྒྲིག་ཁྱིམ་ཚང་གི་ལེའུ་དང་གན་རྒྱའི་ལེའུ། ཤུལ་འཛིན་གྱི་ལེའུ་སོགས་འབྲོལ་པ་མང་ཚོགས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་གྱོད་དཔེ་འགའ་དཔེ་རུ་དྲངས་ཏེ་ཁ་གསལ་གོ་བདེའི་ངང་དབྱེ་ཞིབ་བྱས་ནས་འབྲོག་པ་མང་ཚོགས་ཀྱི་རྒྱུད་ལ་དམངས་དོན་ཁྲིམས་གཞུང་གི་བག་ཆགས་ཙམ་བཞག་པ་ཡིན།ཡུལ་དངོས་ཀྱི་མི་རྣམ་པས་དགའ་བསུ་ཆེན་པོ་ཐོབ་པར་མ་ཟད་སྡེ་ཁུལ་གྱི་འབྲོག་པ་མང་ཚོགས་ཚོས“ཁྲིམས་དཔོན་གྱིས་འགྲེལ་བཤད་གསལ་པོ་བྱས་སོང་བས་ང་ཚོས་ཡིད་ལ་ངེས་སོང་།”ཞེས་བཤད་ནས་ཐེངས་འདིའི་དམངས་དོན་ཁྲིམས་གཞུང་སྒྲོག་འགྲེལ་ལ་དགའ་བསུ་ཆེན་པོ་ཐོབ།

 民法典宣讲采取让广大牧民群众能听懂的玛曲方言,围绕婚姻家庭编、合同编、继承编,结合法律名词解释、法条解读、案例讲解等给社区牧民群众上了一堂生动别致的普法课。现场气氛热烈,社区牧民群众纷纷表示“法官讲解的很清楚”、“我们能听懂,能听明白”,对此次民法典宣讲给予了充分的肯定与认可。


微信图片_20201010093102.jpg

རྨ་ཆུ་རྫོང་གི་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་སྐད་ཆའི་ཁོར་ཡུག་གིས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཚད་དཀའ་མོ་ཆགས་ཡོད།ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བྱ་བ་གཉེར་ནས་རང་རྫོང་གི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོས་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པས། རྨ་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཨ་མདོའི་སྐད(རྨ་ཆུའི་ཡུལ་སྐད།)ཀྱི་ལམ་ནས་སྐད་འཕྲིན་སྤྱི་རྟགས་དང་དེ་བཞིན་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ལག་དེབ་བཅས་གཞིར་བྱས་ནས་ཁ་གསལ་གོ་བདེའི་ངང་གསལ་བཤད་བྱས་ཤིང་།རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་དང་ལེན་བྱེད་པའི་ཐབས་ལམ་སྤྱད་དེ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོས་ཧུར་ཐག་སྒོས་བཅའ་ཁྲིམས་ཀྱི་ཤེས་བྱ་ལ་སློབ་སྦྱོང་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ་དང་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤེས་དགོས།

玛曲县特殊的地理环境和语言环境增加了普法宣传的难度,做好法制宣传工作对提升广大牧民群众法律意识和法律素养具有重要意义。玛曲县人民法院集思广益,群策群力,以安多藏语(玛曲方言)为媒介,以微信公众号平台和藏汉双语法律宣传册为载体,用最简单易懂、最接地气、最能让广大牧民群众接受的方式推进普法宣传工作,引导广大牧民群众积极主动了解法律知识,增强社会主义法律意识,学会运用法律武器来维护自身的合法权益。

甘肃法院网版权所有

地址:甘肃省兰州市安宁区建宁西路1950号
邮编:730070 E-mail:gsgyxcc@163.com

陇ICP备10200000号
甘肃省高级人民法院主办